Friday, May 6, 2011

ན་བུན་འཐིབ་པའི་རི་གྲོང་།

 

སེམས་སྐྱོ་སྐྱོ་སྨེང་བ་ཞིག་ཐོལ་གྱིས་ཐོན་དུས
ཡིད་སེམས་ལང་ལོང་གི་ཁྲོད་ཀྱི་ཁྱོད
ཞེ་འདང་ན་བུན་ལྟར་འཐིབས་པའི་ཁྱོད
བྱེས་ཀྱི་འཁྲེང་སེམས་རླུང་ལ་སྐུར་གྱིན
རྒྱང་རིང་གི་ཁྱོད་ལ་རྣ་བ་བློག་གིན
བདག་ག་ལེར་ཁྱོད་ཕྱོགས་སུ་འགུལ་གྱིན་ཡོད་ཡ

སེམས་ཀྱིས་མཐོང་གིན་པའི་ཁྱོད
ཡིད་ཀྱིས་ཐོས་ཀྱིན་པའི་ཁྱོད
ཁྱོད་རང་དེ    བདག་གི་སྙིང་ཉེ་ཉེ་བྱེད་སའི་ཐག་རིང་གི་ཁྱོད
ཉིན་གཅིག་གི་སྣང་བའང་རླུང་ལ་མ་སྐུར་པར
སོས་དལ་བག་ཕེབས་ཀྱི་དུས་ཚོད་ཅིག་ཤོང་དཀའ་བས
རེ་སྒུག་དང་ཕྱི་ཐག་ཁྲོད་ཀྱི་ཁྱོད
སེམས་སྐྱིད་སྐྱིད་དང་ཐུགས་སྤྲོ་སྤྲོ་ཙམ་ཡང་གནང་མ་མྱོང་པའི
ཐག་རིང་གི་སྙིང་ཉེ་ཨང
དབྱིངས་སུ་འགྱིང་བའི་ནམ་མཁའ་དང
སྒམ་པོར་བཞུགས་པའི་མ་ཡུམ་གྱིས་ཀྱང
ཁྱོད་སྨག་རུམ་གྱི་སྤུབ་ནས་ཕེབས་པར་ཞེ་རེ་འཁྲེང






Thursday, May 5, 2011

lost love





Years have sped by, time has flown. 
To forget you that's what i had wrong.
To wipe off your memories from my heart,
To live on,
Known that we are poles apart.
But often silent, lonely nights.
When the moon is shining bright;
Your thought comes stealthily to my mind.
And prod other memories left far behind.
Of times we had, both good and,
Of tears we shared and fun, we had!
 But what went wrong,
I have no clue.
But as long as it lasted, 
I know it was true.
You have touched my life in many ways. 
I try explaining, but just can't say.
But you have moved on and so must I;
Must accept the truth, though with a sigh Time heals all wound,
 But not this one;
 The scar remains; the harm is done.
 Memories are to be treasured,
 Or so they say that's why you remain my heart to this every day.

 i can't remember who wrote this poem. 

Wednesday, May 4, 2011

ཡུད་ཙམ་ལ


སེམས་པའི་བར་སྟོང་འདྲ་བའི་ལྷོད་འཇགས་པའི་དུས
སུ་ཞིག་གི་རྡོག་སྒྲར་རྣ་བ་གཡར་གྱིན་ཡོད
སྣང་བ་ནི་རང་དབང་གིས་སྟོང་བའི་ནམ་མཁའ་དང་འདྲ་བས
རེ་སྒུག་དེ་ལེ་བར་ཁྲི་སྟོང་གི་བར་ཐག་དང་འདྲ་ཞིང
ལྷོད་གཡེང་དང་བག་ཕེབས་ཀྱི་དུས་ཚིགས་ཤིག་ཤོང་བར་དཀའ







དྲན་གདུང་ཞིག་ཇི་ལྟར་ལྡོག་ཐབས་ལམ་ལ
སྦུ་ཆང་གི་བཟི་ཁ་ལྟ་བའི་རྡོག་སྒྲ་ཞིག་གམ་དུ་བཅར་བར་འཕྲེང



ཐོབ་འདོད་པ་དེ་ཐོབ་པར་སྨེང་བའི་སྐྱོ་ངལ་གྱི་ཟུག་གཟེར་བསླངས་པ
ཁུག་པར་དཀའ་བའི་རང་དབང་གི་བདེ་སྣང་ཡིན་པ་འདྲ



Saturday, April 30, 2011

We belong Together Tibetan Cover

hip hop ཅེས་པའི་གཞས་དེ་དེ་རིང་ཁ་སང་་གོ་ལ་རིལ་བོའི༷་ཁྱོན་དུ་ཆེས་རྒྱུག་ཆེ་ལ་གཞོན་སྐྱེས་ཕལ་ཆེ་བས་ཉན་པར་སྤྲོ་བའི་བ་ཞིག་ཡིན་པས་གཞི་ནས་རང་རེའི་བོད་ཀྱི་གཞོན་སྐྱེས་དག་ཀྱང་དེ་ལ་མོས་པ་སྐྱེ་བཞིན་འདུག

Monday, April 18, 2011

འཐབ་ར།


རྨི་ལམ་གྱི་མཛེས་པ་དེ་སྐད་ཀྱིས་མཇུག་རྫོགས་དུས
དུང་སྣང་ལས་བཏུས་པའི་བསླུ་བྲིད་ལ་ན་ཟུག་སློང་འོང
བདེ་མོ་འཇོག་པའི་རྣམ་འགྱུར་མཐོང་དུས
ལྟག་རྒྱབ་ལ་ཡིབ་པའི་གོམས་གཤིས་མངོན་འོང

དེ་རིང
ལ་ལར་ཐོབ་པ་བརྩེ་འདང་གི་བསླུ་བྲིད་ཡུད་ཙམ
ཡང་ན་ཁྲེལ་དགོད་ཀྱི་ཟབ་ཚད་འཇལ་བའི་ཨང་རྟགས་ཤིག
དུས་ཚོད་འདི་ལྟར་བཞུད་འགྲོ་དུས
ལྐོག་གཡོ་དང་འདོད་བརྩེ་ཡི་གནས་མལ་བསྐྲུན་ཟིན

རྒྱུ་འཕྲུལ་འདྲ་བའི་ལྷོད་འཇགས་པའི་མལ་ས་འདི་ནས

མུ་འབྲེལ་འཁྲབ་གཞུང་གི་སྡེར་འོག་ཏུ་ཚུད་དུས
ལྷིང་འཇགས་ཀྱི་རྫི་བོར་བྲེད་ཤ་མ་སློང
སུ་ཞིག་གི་རྡོག་སྒྲར་རྣ་བ་གཡར་བཞིན
ཚ་གྲང་མ་ངེས་པའི་མཉེས་གཤིན་གྱི་བརྩེགས་འཕྲིན་སྐྱོང་བཞིན་ཡོད་ཡ

ལྷིང་འཇགས་ལ་གོམ་ནས་འཁྱམ་བསྐྱོད་བྱས་ཏེ
རྣ་བ་ཀྲོང་ངེར་ཉན་ན
དྲ་ཁང་ལས་ཐོབ་པའི་སྐད་ཆ་དག་ཅི་ཞིན་ཡིན་ནམ
ཡང་ན་མཁོ་བ་དེ་གང་རེད
བྲེད་ཤ་བསླང་འོང་པའི་ཀུ་རེ་དང་རྩེད་མཚར་དག
སྐྱུག་བྲོ་བའི་དམོད་མོ་དང་ཚིག་རྩིབ་དེ་དག
བ་སྤུ་འདར་ཡོང་བའི་འདོད་གཏམ་དང་ཆགས་ཉམས་དེའང

གང་ལྟར་ཀྱང་འདི་ལྟར་སེམས་སམ
ཐོབ་འདོད་པ་དེ་ཅི་ཞིག་ཡིན་ཡང་ཆོག
རང་དབང་མཐོ་གང་བོ་འདི་ལགས་པས
ཐ་ན་ཅི་ཡང་མ་ཐོབ་ཀྱང་ལོས་ཆོག
ཟབ་ཚད་འཇལ་བའི་ཁ་ཞེང་ཞིག་འདི་ན་ཡོད་མི་དགོས
འོད་སྣང་བརྗེས་དེ་མིན་པ་གྱོན་ཡང་ཆོག
བརྩེ་བ་བསྐྱུར་དེ་གདུང་བ་བསུས་ཀྱང་རུང་།
                          





Thursday, April 7, 2011

my heavenly place